འཛུམ་གྱི་སྙན་ངག་གསར་པ།
མཁན་ཆེན་རྫོགས་པ་ཆེན་པོ་རྣམ་གྲོལ་ཚེ་རིང་། ཞལ་རྒྱང་ནས་འཚོས་པའི་ངག་དབང་གི་ལྷ་མོ།། སྐུ་ཟླ་བའི་འཁྲི་ཤིང་མཁའ་དབྱིངས་ནས་གཡོ་བཞིན།། ཕྱག་རིན་ཆེན་སོར་གདུབ་སིལ་སྒྲ་དང་བཅས་ཏེ།། རྒྱུད་པི་ཝང་སྙན་མོ་རམ་དཀྲོལ་རེ་གྱིས་དང་།། ངག་མ་བཅོས་རང་བྱུང་ཐོལ་གླུ་ཞིག་ལེན་ནོ།།