རྗེ་བཙུན་མ་མུ་མཚོས་མཛད་པ།

རྩོམ་ཡིག་འདི་ཐེངས་ 25 བཀླགས་འདུག


རང་ལ་ལྟོས་པའི་དད་ལྡན་གྱི་ཕོ་མོ་འགའ་ལ་གཏམ་དུ་བྱས་པ་བཞུགས།

རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོས་མཛད།

གངས་ཅན་བོོད་ཀྱིི་སྐྱེེ་འགྲོོ་མཐའ་དག་གི།
བདེེ་སྡུག་ཡེེ་ཤེེས་སྤྱན་གྱིིས་གཟིིགས་པ་ཡིི། །
སྙིིགས་མའིི་སྐྱབས་གཅིིག་ཨོོ་རྒྱན་ཆེེན་པོོ་ལ། །
སྙིིང་ནས་གསོོལ་བ་འདེེབས་ན་ཐུགས་རྗེེས་དགོོངས། །

རིིགས་མཐུན་ལས་ཀྱིིས་འཇིིག་རྟེེན་མིི་ཡུལ་འདིིར། །
མཉམ་དུ་སྐྱེེས་པའིི་དད་ལྡན་སྐྱེེ་བོོ་ལ། །
ལྷག་བསམ་བཟང་པོོས་ཀུན་ནས་རབ་བསླངས་ཏེེ། །
སེེམས་ལ་གང་ཤར་དྲང་པོོའིི་གཏམ་དུ་ཞུ། །

མིི་ཡུལ་འདིི་ནས་མིི་དང་འགྲོོགས་དགོོས་ཚེེ། །
ཀུན་དང་མཐུན་ན་རང་ཡང་སྐྱིིད་པའིི་ཕྱིིར། །
མཐོོ་དམན་བར་མའིི་སྐྱེེ་བོོ་ཐམས་ཅད་ཀྱིི། །
མིིག་ལ་གཟན་པའིི་ངན་སྤྱོོད་དག་ལ་འཛེེམས། །

ཁྱད་པར་ལྟོོ་གོོས་གང་ལ་མིི་ཕན་པའིི། །
ཆང་དང་དུ་བ་རྫས་ངན་དུག་ལ་སྤྱོོད། །
མིིས་འཕྱ་རང་བརླག་ཤོོ་རྒྱན་འགྱེེད་པ་སོོགས། །
མ་རབས་སྤྱོོད་པ་ནམ་ཡང་སྤོོང་བར་གྱིིས། །

ཚེེ་རབས་སྔོོན་མའིི་ལས་ཀྱིི་གཞན་དབང་གིིས། །
སྐྱེེ་བོོ་ཀུན་གྱིི་དབུལ་ཕྱུག་མིི་སྙོོམས་ཀྱང་། །
རང་གིིས་འགྲུབ་ཚོོད་ཙམ་གྱིིས་ཆོོག་ཤེེས་མཛོོད། །
རང་སེེམས་སྐྱིིད་ན་ཕྱུག་པོོའིི་མཆོོག་དེེ་ཡིིན། །

ཐོོབ་རྒྱུ་རྙེེད་རྒྱུ་ཅིི་ཡང་མེེད་ན་ཡང་། །
མིི་ཚེེ་རེེ་བའིི་ངང་ནས་མགོོ་འཁོོར་ཏེེ། །
ཉིིན་གཅིིག་ཙམ་ཡང་སོོས་དལ་མ་ཁོོམ་པར། །
ཕྱིི་མའིི་གནས་སུ་སོོང་བ་དག་ལ་ལྟོོས། །

འཁོོར་བའིི་གནས་འདིིར་སྐྱེེས་པའིི་དུས་དེེ་ནས། །
འཆིི་བའིི་ཕྱོོགས་ལས་འགྲོོ་བའིི་ལམ་གཞན་མེེད། །
ལམ་སྣེེ་དེེ་ལ་སླེེབས་པའིི་ཉིིན་མོོ་ལ། །
རང་བློོ་བདེེ་ན་མཁས་པའིི་ཡང་རྩེེ་ཡིིན། །

བྱིིས་པའིི་དུས་ན་རྒན་པོོའིི་གཏམ་ལ་ཉོོན། །
དར་མའིི་དུས་ན་རྒྱུ་འབྲས་ཆོོས་ལ་ཉོོན། །
སྤྱོོད་པ་ཀུན་ཀྱང་རང་ལ་བསྟུན་ཏེེ་གྱིིས། །
རང་ལ་ཆོོག་ན་གཞན་ཡང་དེེ་ཡིིས་མགུ།

དར་བབ་ལང་ཚོོའིི་མེེ་ཏོོག་རྒྱས་དུས་སུ། །
གང་སྣང་གང་ཤར་ལག་ཏུ་མ་ལེེན་དང་། །
རྒན་པོོའིི་སྐྲ་ལོོའིི་ཁ་མདོོག་དཀར་བའིི་ཉིིན། །
རང་སེེམས་དཔང་བཞག་སྐྱིིད་ཅིིག་མྱོོང་རྒྱུ་ཡོོད། །

ནགས་ཚལ་འཐུག་པོོའིི་ཤིིང་གིི་སྐྱེེ་ལུགས་བཞིིན། །
འཇིིག་རྟེེན་མིི་ཡིི་གཤིིས་ཀ་སྣ་ཚོོགས་པས། །
ཀུན་དང་བསྟུན་ནས་འགྲོོ་ཚུལ་མ་ཤེེས་ན། །
ཚེེར་མའིི་ཕུང་པོོས་མིི་ཚེེའིི་ལམ་ཁ་འགོོག །

དྲོོན་པོོའིི་མེེ་ལ་བཅར་ན་ཚད་ཅིིག་ཡོོད། །
མཐུན་པའིི་གྲོོགས་ལ་མཐུན་ཚབས་ཆེེ་མིི་རུང་། །
ནད་ལ་གཏར་བསྲེེག་བྱས་ཀྱང་ཚད་ཅིིག་ཡོོད། །
གནོོད་པའིི་མིི་ལ་གནོོད་ལན་མང་མིི་རུང་། །

རང་དང་འབྲེེལ་བའིི་ཕ་མ་གཉེེན་བཤེེས་དང་། །
སྒོོ་ཁའིི་ཁྱིི་དང་ལྷས་རའིི་ཕྱུགས་ཟོོག་སོོགས། །
ལས་ཀྱིི་དབང་གིིས་གནས་ཁྱིིམ་གཅིིག་ཏུ་འབྲེེལ། །
ཀུན་ལ་བྱམས་སྐྱོོང་གྱིིས་དང་དགེེ་བ་ཡིིན། །

དེེ་དག་འཇིིག་རྟེེན་མིི་ལ་ཉེེར་མཁོོའིི་གཏམ། །
དགྲ་གཉེེན་བར་མའིི་མིི་དང་འགྲོོགས་དགོོས་ཚེེ། །
མིི་ཆོོས་གཙང་མའིི་འགྲོོ་ལུགས་མ་ཤེེས་ན། །
རང་ཡང་མིི་སྐྱིིད་གཞན་ལ་སྡུག་བསྔལ་སྐྱེེད། །

སྡིིག་པའིི་ཕྱོོགས་ལ་འཛེེམ་བྱ་མང་ན་ཡང་། །
ཁས་དམན་གཉོོམ་ཆུང་དུད་འགྲོོའིི་སྲོོག་ལ་རྒོོལ། །
རྐུ་འཕྲོོག་མནའ་ཟ་ཕ་མར་བརྙས་སྨོོད་བྱེེད། །
ཕྱིི་མར་མ་ཟད་ཚེེ་འདིིར་རྣམ་སྨིིན་མང་། །

རིིགས་མཐུན་མིི་ལ་ཉེེ་བར་མཁོོ་བ་ཡིི། །
ཁ་ཟས་ལོོངས་སྤྱོོད་འབྲིིང་ཙམ་ཡོོད་པའིི་དུས། །
དོོན་མེེད་སྡིིག་པ་མ་གསོོག་རྒྱུ་འབྲས་སྲུངས། །
དེེ་ལྟར་གྱིིས་དང་འདིི་ཕྱིི་ཀུན་ཏུ་སྐྱིིད། །

དགེེ་བའིི་ཕྱོོགས་ལ་སྒྲུབ་ལུགས་མང་ན་ཡང་། །
ཆོོས་ཀྱིི་སྙིིང་པོོ་དད་དང་སྙིིང་རྗེེ་ཡིིན། །
དད་པ་དེེ་ལ་གཡོོ་འཆུག་མ་སོོང་ན། །
དམ་པའིི་ཆོོས་ལ་ནོོར་འཁྲུལ་འབྱུང་རྒྱུ་མེེད། །

ལྷག་པའིི་ལྷ་མཆོོག་གཅིིག་ལ་གསོོལ་བ་ཐོོབ། །
བསྙེེན་པའིི་གཟུངས་སྔགས་གཅིིག་ལ་ཁ་གྲངས་སོོགས། །
ཐང་ལྷོོད་མེེད་པའིི་ཡིིད་ཆེེས་བརྟན་གྱུར་ན། །
གལ་ཆེེན་འགག་ལ་ཐུག་དུས་ངེེས་པར་སྐྱོོབ། །

འཇིིག་རྟེེན་འདིི་ན་སེེམས་ཅན་གྲངས་མང་ཡང་། །
སྡུག་བསྔལ་སྤུ་ཙམ་འདོོད་པ་མེེད་པར་མཚུངས། །
བདེེ་བ་ཁབ་ཙམ་ཡོོད་ཀྱང་མཁོོ་བར་མཚུངས། །
དེེ་ཕྱིིར་ཀུན་ལ་བྱམས་དང་སྙིིང་རྗེེ་སྒོོམས། །

སེེམས་ཅན་རེེ་རེེའིི་སྡུག་བསྔལ་བྲལ་འདོོད་ཀྱིི། །
བཅོོས་མིིན་སྙིིང་རྗེེ་ལན་རེེ་སྐྱེེས་ན་ཡང་། །
བསྐལ་བ་མང་པོོའིི་སྡིིག་པ་དེེ་ཡིིས་འདག །
ཡར་མཆོོད་མར་སྦྱིིན་བརྒྱ་ལས་ཕན་ཡོོན་ཆེེ། །

རྒྱུ་དང་ཚེེགས་ཀྱིི་དཀའ་ངལ་མིི་དགོོས་ཤིིང་། །
སྒོོམ་ཚུལ་མིི་ཤེེས་ནོོར་འཁྲུལ་འབྱུང་རྒྱུ་མེེད། །
ཉིིན་རེེ་ཐུན་རེེར་མ་ཆག་སྙིིང་རྗེེ་སྒོོམས། །
ཡིིད་ཆེེས་གྱིིས་དང་ཆོོས་ཀྱིི་མཐར་ཐུག་ཡིིན། །

ད་རེེས་མིི་ལུས་ལན་གཅིིག་ཐོོབ་དུས་འདིིར། །
དགེེ་དང་སྡིིག་པའིི་ཁྱད་པར་ཤེེས་དུས་འདིིར། །
ཚེེ་འདིི་མ་ཟད་སྐྱེེ་བ་ཀུན་ཏུ་ཡང་། །
བདེེ་ནས་བདེེ་བར་འགྲོོ་བའིི་ཐབས་ལ་སོོམས། །

བཟོོད་དཀའིི་སྡུག་བསྔལ་མྱོོང་བའིི་ངན་སོོང་དང་། །
བདེེ་སྡུག་འདྲེེས་མའིི་འཇིིག་རྟེེན་མིི་ཡུལ་འདིིའིི། །
སྣོོད་བཅུད་ཀུན་ལ་སུན་པའིི་བློོ་བསྐྱེེད་དེེ། །
དག་པའིི་ཞིིང་ལ་དད་འདུན་ཡང་ཡང་གྱིིས། །

ཁྱད་པར་བདེེ་ལྡན་ཞིིང་གིི་མགོོན་པོོ་མཆོོག །
འོོད་མཚན་སྟོོང་འབར་དེེ་ཡིི་སྨོོན་ལམ་གྱིིས། །
ཞིིང་ཁམས་དེེ་རུ་སྐྱེེ་བར་སླ་བས་ན། །
རྟག་ཏུ་ཞིིང་དེེར་སྐྱེེ་བའིི་འདུན་པ་གཏོོད། །

ནམ་ཞིིག་འཆིི་བའིི་ཉིིན་ལ་སླེེབས་པའིི་དུས། །
གདམས་ངག་མང་པོོ་བློོ་ཡིིས་མིི་ནུས་པས། །
ལྷ་དང་བླ་མ་གསོོལ་བ་འདེེབས་ཡུལ་ཀུན། །
འོོད་དཔག་མེེད་ཀྱིི་ངོོ་བོོར་བསྒོོམ་པར་མཛོོད། །

དེེ་ལྟར་དྲན་པའིི་ངང་ནས་ཤིི་བ་ན། །
ངན་སོོང་གསུམ་གྱིི་གནས་སུ་མིི་འགྲོོ་བར། །
དག་པའིི་ཞིིང་དུ་རྣམ་ཤེེས་འཕོོ་བའིི་ཕྱིིར། །
གདམས་པ་འདིི་ལས་སླ་ཞིིང་ཟབ་པ་མེེད། །

ལུགས་གཉིིས་གཏམ་གྱིི་བསླབ་བྱ་ཉུང་ངུ་འདིི། །
ཤེེས་ཆེེན་བློོ་ལྡན་དག་ལ་མིི་མཁོོ་ཡང་། །
རང་ལ་དད་པའིི་སྐྱེེ་བོོ་འགའ་རེེའིི་ཆེེད། །
ཕན་པའིི་ཁ་ཏ་གདམས་ངག་ཚུལ་དུ་བཀོོད། །

དགེེ་བ་དེེ་ཡིིས་ཆོོས་འདིིར་འབྲེེལ་ཚད་ཀུན། །
ཚེེ་འདིིར་བསམ་པའིི་དོོན་ཀུན་ཡིིད་བཞིིན་འགྲུབ། །
ཕྱིི་མར་བདེེ་ལྡན་དག་པའིི་ཞིིང་ཁམས་སུ། །
མཚུངས་མེེད་བླ་མའིི་དྲུང་དུ་སྐྱེེ་བར་ཤོོག །

ཅེེས་པ་འདིི་བླ་རུང་ལྔ་རིིག་ནང་བསྟན་སློོབ་གླིིང་གིི་རྣམ་ཐར་ཚན་ཆུང་དུ་ཡོོད་པའིི་མིི་སྣ་འགའ་རེེས་དད་ལྡན་གྱིི་ཕོོ་མོོ་རྣམས་ལ་བསླབ་བྱ་གོོ་བདེེ་བ་ཞིིག་ཅིིས་ཀྱང་སྩོོལ་རོོགས་མཛད་པར་ཞུ་ཞེེས་སྐུལ་མ་གནང་བ་བཞིིན་ཤཱཀྱའིི་དགེེ་སྦྱོོང་མ་མུ་མཚོོས་སྨྲས་པ་གྲྭ་གུ་དྲག་གིིས་རབ་རྒྱན་ཆུ་སྟག་ལོོའིི་ཟླ་༦པའིི་ཚེེས་༡༥ཉིིན་ཡིི་གེེར་བཀོོད་པ་དགེེ། །།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *