འཛུམ་གྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 318 བཀླགས་འདུག


“ངོ་སྤྲོད་སྤྲད་པ”འི་གླུ།

འཛུམ།
མཐོ་བ་ནམ་མཁར་འཕུར་ཏེ།།
དམའ་བ་རྒྱ་མཚོ་བརྒལ་ནས།།
ཤར་ནུབ་གང་ལ་བལྟས་ཀྱང་།།
མིག་ལ་ཟུག་པའི་གཟུཌ་བརྙན།།
མཛེས་པའི་ནང་གི་ཡང་མཛེས།།
འཛུམ་ཀོང་གསེང་གི་དེ་རེད།།

ཕ་ས་ཕ་ཡུལ་བསྡད་ནས།།
མ་འདྲིས་མི་ཡུལ་འཁྱར་ཏེ།།
ཕྱི་ནང་གང་ལ་མཉན་ཀྱང་།།
རྣ་བར་འཁོར་བའི་བྲག་ཆ།།
སྙན་པའི་ནང་གི་ཡང་སྙན།།
སྐད་ཆའི་ཁྲོད་ཀྱི་དེ་རེད།།

ཡ་ཀིའི་བྲག་ཕུག་འཛུལ་ཏེ།།
མ་ཀིའི་རི་གྲོང་ཉུལ་ནས།།
གནའ་དེང་གང་ལ་བསམས་ཀྱང་།།
སེམས་ལ་ལྷག་པའི་བག་ཆགས།།
གསང་བའི་ནང་གི་ཡང་གསང་།།
བྱང་ཁོག་སྦུག་གི་དེ་རེད།།

མཆན། ངོ་སྤྲོད་སྤྲད་པ། (རྒྱུད་ཅིག་གི་མཚན།)
མ་ན་ལི། 20/ 05/ 2023

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *