སྙིང་རུས་བཅག་པ།

རྩོམ་ཡིག་འདི་ཐེངས་ 385 བཀླགས་འདུག

སྙིང་རུས་བཅག་པ།

ལྗང་གསར། ཁམས་པ་སྒར།

ངས་ནི་སྔར་བཞིན་ཁྱོད་ཅག་ཉག་ཅིག་ལ།།
སེམས་པ་གླན་ན་འདོད་སོང་ཉེ་བའི་མི།།
ཡུད་ཙམ་ལྷན་དུ་མོལ་མཆིད་འདོད་པ་ཡང་།།
གྲིབ་མའི་རྒྱབ་ན་འཆར་གཞི་ཅི་ཡང་མེད།།

ངེད་ཅག་འཛུམ་ཆུང་ལྷོད་པའི་མདང་ད་ནངས།།
སྙིང་ལ་གཅོང་ནད་མུན་ཁ་འཚུབ་པ་ལས།།
ཡུས་དང་ངོ་ཆེན་བཤམ་པའི་སྒོ་དྲུང་ནས།།
ད་ནི་ང་རང་གཏན་དུ་རྒྱང་བཀྱེད་བྱ།།

སྣང་བ་ཐམས་ཅད་འགྱུར་སོང་བརྗེས་སོང་བ།།
འབྱོར་བས་གཤོག་པ་ཅུང་ཟད་ཐོགས་པའི་ཁྱེད།།
དོ་ཞག་རང་གཤིས་ཤོག་བུའི་རླུང་རྟ་ལྟར།།
རི་ཐང་གང་སར་སྤུར་སོང་འཕྱན་སོང་ཨང་།།

འོ་སྐོལ་ཨུ་ཚུགས་ཀུ་རེ་རྩེད་མི་དགོས།།
རྨི་ལམ་རེ་རེའི་ཆེད་དུ་གྱེས་པས་ཆོག།
ཞེན་ཆགས་ས་བོན་རུལ་བའི་སྐད་ཅིག་མར།།
རེ་དོགས་རླུང་བུ་དག་ཀྱང་ལྡང་མི་འོང་།། ༢༠༡༦-༨-༢༧

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *