རྒྱལ་གཅེས་དཔའ་བོ་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 6 བཀླགས་འདུག


མཐའ་མཇུག་དཔའ་བོའི་རྒྱབ་གཟུགས།

རང་བཙན་བློ་དགའི་ཞེ་དགུ་ལ་ཕུལ་བ།
ཀ་དག
——- དབྱིན་སྒྱུར་གནང་མཁན་ལྷ་སྡེ་གནམ་ལོ་ཡག
འབྲོང་གཡག་རྫ་ལ་ཆས་འདྲའི་རྒྱབ་གཟུགས་དེ།
བཙན་པོའི་སྙིང་སྟོབས་ཁྱེར་ནས།
མི་རིགས་ཤིག་ཁུར་ཏེ།
གངས་རི་བཏེགས་ཏེ།
སོག་སྟོད་གྲུ་བཞི་ལིང་ངེ་།
གོམ་པ་བརྟན་བརྗིད་ཁྲིགས་སེ།
འཇིགས་ཞུམ་རྡུལ་ཙམ་མེད་པར་མདུན་དུ་སྤོས།
གངས་རིའི་དར་ཆ་ཕྲག་སྟེང་ན་གཡོ་བཞིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་མདུན་ན་སྤོས་སོང་།
སྐབས་དེར། ཕ་ཡུལ་གངས་ལྗོངས་ནས་ཡོང་བའི་གངས་རླུང་བསིལ་མོའི་ཚོགས། ཁྱེད་ཀྱི་ཕྲག་སྟེང་ན་གཡོ་བའི་རྒྱལ་དར་སྐྱོད་རོགས་དང་། ཁྱེད་ལ་སྡོང་གྲོགས་ཀྱི་བསུ་མར་ཕེབས་འདུག
འདང་ཆེན་བོད་ཀྱི་རྒྱལ་དར་ནམ་ཡང་ནུབ་པ་མེད་པར། རྟག་བརྟན་ཐེར་ཟུག་ཏུ་བསྒྲེངས་རྗེས།
འབྲོང་རྒོད་པོ། ཁྱེད་རང་། སྐད་ཅིག་ཉིད་ལ་འཛམ་གླིང་འོད་ཀྱིས་འགེངས་པའི་མེ་དཔུང་དུ་ཤར།
གངས་རིའི་ཉིན་སྲིབ་ལ་མུན་སེལ་གྱི་སྣང་བ་བསྩལ།
འབྲོང་རྒོད་པོ། མེ་དཔུང་གི་དཀྱིལ་སྙིང་ན། སྒམ་བརླིང་གིས་འགྱིང་བ་ཁྱེད་རེད།
དགྲ་བོ་མཐར་སྐྲོད་ཀྱི་ཡིག་ཆ་ཤུགས་ཀྱིས་གཏོར། ཕྱུ་པའི་ཕུ་དུང་ཡར་ལ་འཕྱར་ཏེ་མེ་ལྕེ་ལུས་ལ་འཁྲིལ་འཇུག་མཁན་ཁྱེད་རེད།
འབྲོང་རྒོད་པོ། མེ་ལྕེའི་ངབ་ཀྱིས་གོག་པའི་ཁྱེད་ཀྱི་ཕུ་དུང་དང་ང་ཡི་སྙིང་རྩ་ལྷན་དུ་འཛར།
འོན་ཀྱང་། ད་དུང་ཁྱེད་ལ་འཇིགས་ཞུམ་མི་འདུག འཚབ་འཚུབ་མི་འདུག བརྗིད་ཆགས་སེ། བརྟན་ཁྲིགས་སེ།
དེ་བས། མཐར་ཐུག་འཚེ་མེད་ཞི་བའི་ལས་འགུལ་ཨང་དང་པོ། འཛམ་གླིང་ལོ་རྒྱུས་ལ་བཀོད་སོང་།
དཔའ་དང་བློ་ཁོག་སྩོལ་བའི་བཙན་པོའི་དཔའ་བརྟུལ།
ལ་རྒྱ་ལག་ལ་སྟེར་བའི་དམག་དཔོན་ཆེན་མོ།
སྐད་ཡིག་གི་བྱིན་རླབས་གནང་བའི་སློབ་དཔོན་དམ་པ།
མི་རིགས་ཀྱི་འདུ་ཤེས་སྐྲུན་པའི་ལོ་རྒྱུས་ཡིག་རྒན།

མིག་ལ་དཔར་ཞིང་ཞེ་ལ་ཐོགས་པའི་རྒྱབ་གཟུགས་དེ།
རང་བཙན་གྱི་དད་འདུན་ཁྱེར་ནས།
རྒྱལ་ཁབ་བཀྱགས་ཏེ།
ཕུགས་རེ་བཅངས་ཏེ།
དཔུང་པ་ཤ་རྒོད་གྲིམ་མེ།
ནང་སྙིང་ཁྲག་རྩ་རྒྱས་སེ།
བག་ཚ་ཏིལ་ཙམ་མེད་པར་ལམ་ལ་བུད།
དཔའ་སྤོབས་ཀྱི་མགོ་བོ་མཐོན་པོ་གཟེངས་སུ་སྟོད་བཞིན།
རྒྱལ་ཚོགས་ཀྱི་སྒོ་མདུན་ནས་ལམ་ལ་བུད་སོང་།
སྐབས་དེར། རང་བཙན་གཙང་མའི་མངའ་ཐང་དར་བའི་བོད་བཙན་པོའི་དགྲ་ལྷ་དང་ཝེར་མའི་ཚོགས། ཁྱེད་ཀྱི་འཁོར་དུ་གྲོགས་དན་ལ་བྱོན་ཚར་འདུག
སྐད་ཅིག་དེ་ཉིད་ལ། ཁྱེད་རང་དགྲ་ནག་ཆམ་ལ་འབེབས། ཕ་ཡུལ་བདེ་ལ་འགོད་ཆེད་ལམ་ལ་ཆས་སོང་།
མིག་ཟུང་མར་ལ་བཙུམས་ན། ངའི་སྣང་བའི་ཡུལ་ལ་འདི་འདྲ་འཁོར་གི
ཕུ་བོ་ལགས། ཁྱེད་རང་། ཆེས་སྙིང་ནས་བརྩེ་ཞིང་དུང་བའི་ཕ་ཡུལ་ལ་ལོག་སོང་།
སྔོན་ཆད། ངེད་ཅག་རེ་བ་རུམ་གང་ཁྱེར་ནས་ཡོང་སའི་གངས་ཀྱི་བཤུལ་ལམ་རིང་མོ་དེ་འདེད་བཞིན། ཡང་བསྐྱར་ཕ་ཡུལ་ལ་ལོག་སོང་།
དེ་ནི་རི་བོ་ཧི་མ་ལ་ཡའི་གངས་སུལ་རེད།
ཕུ་བོ་ལགས། རི་བོ་ཧི་མ་ལའི་གངས་ལ་མཐོན་པོ་དེ་ནས། ཁྱེད་ཀྱིས་ཕྱིར་མིག་ཐེངས་གཅིག་ཤོར་ཡོད་ངེས་ཏེ། དེ་ནི་ད་དུང་མི་ཡུལ་ས་མཐར་ལུས་པའི་ཕུ་ནུ་སྦར་མོ་གང་བོར་འཁྲེང་ཆེ་ཞིང་དུང་ཆེ་བའི་དབང་གིས་རེད།
ཕུ་བོ་ལགས། ངའི་མིག་ཟུང་མར་ལ་བཙུམས་པའི་བར་གླགས་ནས།
ཁྱེད་རང་། ཕོ་བྲང་པོ་ཏ་ལའི་མདུན་ཐང་ན་བདེ་ལྷང་ངེར། འཁྱག་བསིལ་ལེར་འབྱོར་སོང་།
གཞིས་ལུས་མིང་སྲིང་ཚོའི་ཕེབས་བསུ་དགའ་སྐྱོ་འདྲེས་མའི་ཡོ་ལང་དེ་ཡང་མཐོང་བྱུང་།
གཞིས་སྲུང་སྤུན་ཟླས། འབྲོག་གི་ཤ་མར་ཐུད་གསུམ། རོང་གི་ནས་སྲན་གྲོ་གསུམ། ཁ་དྲོའི་གྲོ་མ་མར་ཁུ། འོ་ཞོ་བཟའ་བཏུང་གི་རྒྱ་མཚོའི་དཀྱིལ་ན་ཁྱེད་ལ་དགའ་བསུའི་སྣེ་ལེན་ཞུས་པ་ཡང་མཐོང་བྱུང་།
རེད་ཕུ་བོ། ཁྱེད་ནི་ཕ་ཡུལ་ལ་དགའ་ཞིང་སྤུན་ཟླ་ལ་དུང་། དེའི་སྟབས་ཀྱིས། ཁྱེད་ནི་སྤུན་ཟླ་མིང་སྲིང་སུ་ཞིག་གི་སེམས་ལ་སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ཡང་འཇོག་མི་ཐུབ་མཁན་དེ་ཡིན་པས།
ས་མཐའི་གཞན་ངོ་སྲུང་སྲུང་གི་ངོ་གདོང་གཉོམ་པོ། བརྙས་དང་མཐོང་ཆུང་ཁུར་ཁུར་གྱི་སེམས་ཁམས་སྙི་མོ། སྐྱ་ཆད་སྔོ་སྡུག་གི་འཚོ་བའི་ཟུར་ཙམ་མ་བཤད་པ་དེ་ཡང་ཚོར་བྱུང་།
ད་དུང་དེ་ལས་ག་ལ་ཚད། ཕུ་བོ་ལགས། ཁྱེད་ཀྱིས་ཕོ་བྲང་པོ་ཏ་ལའི་གསེར་ཏོག་གི་ཡང་རྩེ་ནས། དགྲ་བོའི་ཁྲག་དར་མར་ལ་ཕབ་པའི་ཧབ་ཆ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཐོན་པོ་མཐོན་པོར་བསྒྲེངས། སྲ་མོ་སྲ་མོར་བཙུགས། གཏན་ནས་གཏན་དུ་ནུབ་པ་མེད་པར། ཕོ་བྲང་གི་མཁའ་དབྱིངས་ན་ལྷབ་ལྷེབ་སྐྱོད་པའི་མཛེས་སྡུག་དང་། གཞིས་སྲུང་སྤུན་ཟླ་ཚོས། ཕོ་བྲང་གི་ཐང་ཆེན་ནས་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་ཡི་ལེན་སྒྲ་དང་དགའ་འབོད་ཀྱི་ཀི་སྒྲ་ཡང་ཐོས་བྱུང་།
གངས་ཅན་བོད་ཀྱི་བདེ་སྡུག་འཚོ་བའི་སྲུང་མ་མཐུ་ཆེན།
འཇིགས་སྐྲག་སྡུག་བསྔལ་ཀུན་ལས་སྒྲོལ་བའི་དགྲ་ལྷ་ཝེར་མ།
ནང་ཕུ་ནུའི་མཐུན་གྲིལ་གྱི་གས་ཁ་གསོ་བའི་སྦྱར་རྩི་དམ་པོ།
ཕྱི་དགྲ་བོའི་བླ་སྙིང་འདར་བའི་རང་བཙན་དཔའ་བོ།
ད་དུང་། གླེང་ག་ལ་ནུས་ཏེ། སྨྲ་བསམ་བརྗོད་མེད།
ད་དུང་། འབྲི་ག་ལ་ནུས་ཏེ། སྙན་ངག་གིས་མི་ཆུན་པའི་འཇིག་རྟེན་གྱི་སྣང་ཚུལ་ཁེར་མ།

The Final View of the Hero

by Karma Namdag

Like the silhouette of a wild yak climbing a mountain, possessing the courage of an emperor, bearing the weight of a nation, climbing toward the summit — your back is straight and tall. Your steps are steady, majestic, and solemn. Forward, without fear. The flag carried on your shoulders flutters, as you step toward the gates of the United Nations.

Back then, the biting snow and wind of your homeland blew against you, and still the flag on your shoulder fluttered in the wind, as if the wind itself greeted your solemnity. The Tibetan flag will never be lost — it will rise again, unending.

Tibetan wild yak, in an instant you ignited every corner of the world. In the twilight, the snow-capped mountains shimmered with golden light. In the midst of the flames, you stood firm. The enemy’s expulsion warrants lay scattered across the ground. You raised your sleeves, letting the flames scorch your body. Your heart, engulfed in fire, burned with them. But you were fearless — you were supremely glorious. For the first nonviolent peace movement was etched into world history.

The great hero who gave the people courage and bravery. The great general who devoted his honour to Tibet. The late teacher who blessed the people with language. The historian who built national consciousness.

Great King of Courage! Your striking silhouette carries the dignity of Tibet, lifted by hope for restoring the state of Tibet. Shoulders stained with blood and flesh, the vessels in your heart swelling with feeling, you set off, fearless. You walked toward the United Nations, head held high, full of courage. In that hour, all the protectors of the Tibetan people stood with you; your circle was full of friends. So, you set out to face the enemy, and also to bring harmony to your snowy homeland.

If I close my eyes, this is what I see: my brother, you have returned to your beloved homeland. In the past we walked the long snow trail together, carrying our hopes. Now you are home again — home in the snow of the Tibetan Plateau.

My brother, from the high snows of the Himalayas, you looked back once more, out of love and compassion for all the brothers and sisters left behind.

My brother, in that moment when I closed my eyes, you stood safe before the Potala Palace, as the cold settled in. I saw, too, the mingled welcome of our kin from home — joy and grief entwined. Did you see how the brothers and sisters in Tibet welcomed you?

Yes, brother. You love your country; you love your brothers and sisters. That is why you would not let anyone bear the smallest pain in your place. Even to the end — through the humiliation of living at another’s mercy, that quiet cruelty, that contempt — you never spoke of the bitter, black-and-white truth of that life.

And, my brother, you tore the Five-Starred Red Flag from the golden roof of the Potala Palace and cast it to the ground. The flag of a free Tibet flies high. It will never fall — the beauty of that palace sky will live on forever.
Brothers and sisters from our homeland, gathered in the palace square, sang the Tibetan national anthem and cheered.

A powerful guardian of peace and harmony in Tibet.
The Ares of Tibet, who delivers us from fear and suffering. A brother who unites us with unbreakable bonds.
An independent hero who strikes fear into the hearts of enemies.
Where should I begin? I am speechless. Where should I write? What you embody has never been touched by poetry.

20th August, 2026
(English version translated by Namloyak Dhungser)

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *