ཆང་སྐྱེས་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 786 བཀླགས་འདུག
ཆུ་ལེན་བུ་མོ།
རི་འགོ་སྨུག་་གིས་བཟུང་བའི་ཞོགས་པ་ཞིག་སྟེ།།
རྫ་ཆུ་ཤག་ཤག་འབབ་པའི་འགྲམ་ངོགས་དེ་ནས།།
གསོམ་དཀར་ཆུ་བཟོ་འཁུར་བའི་ན་ཆུང་མོ།།
གནམ་མཁའི་ལྷ་མོ་ས་ལ་བབས་པ་འདྲ་བྱུང་།།
ངོ་གདོང་འཛུམ་གྱིས་ཕྱུག་པའི་ཞལ་རས་དཀར་པོ།།
འགྲོ་ཞོར་ཟུར་མིག་གཡོ་བའི་ནུ་ཟུངའབུར་མ།།
རྩྭ་འགོའི་མུ་ཏིག་ཕྲེང་བ་རྡོག་པས་གཏོར་བའི།།
བུ་མོའི་འཇོ་སྒེག་རྨ་བྱ་སྔོན་མོ་འདྲ་བྱུང་།།
གཡུ་བྱུར་ཁྲ་རྒྱན་ཅན་གྱི་སྐྲ་ལོ་སྣུམ་པོ།།
གོས་ལྭ་སྔོ་སྐྱ་གོན་པའི་ཡིད་དུ་འོང་མ།།
སྐེ་རགས་ལྗང་ཁུ་ཞོཊ་གསར་རླུང་གིས་བསྐྱོད་དུས།།
ཕྱེ་ལེབ་སྒེག་མོའི་གཤོག་ཟུང་གར་ལ་རོལ་འདྲ།།
གཟུགས་དང་ལང་ཚོ་ཡག་པའི་གཞོན་ཤ་དར་མ།།
མཆུ་སྒྲོས་སྲབ་མཐུག་རན་པའི་སྙིང་དུ་སྡུག་མ།།
ག་ནས་བལྟས་ཀྱང་ཀུན་གྱི་ཡིད་དབང་འཕྲོག་མ།།
དེ་རིང་བདག་གིས་ཁྱེད་ལ་སྙན་ངག་བྲིས་ཡོད།།
དྲིན་ཆེན་ཕ་མ་གཉི་གའི་སྙིང་གི་ནོར་བུ།།
ན་ཆུང་བུ་མོ་ཁྲོད་ཀྱི་གཙུག་གི་རྒྱན་མ།།
རུ་སྡེ་ཕྱི་ནང་བར་ན་ཀུན་གྱིས་བསྟོད་མ།།
ཁོ་བོའི་གངས་དཀར་སེམས་ཀྱི་མེ་ཏོག་རྐང་གཅིག།
སེང་ལྕམ་འབྲུག་མོར་ཕུལ་བའི་མཛེས་མའི་དབུ་རྒྱན།།
ད་ལྟའི་དུས་ལ་ཁྱེད་རང་གཅིག་པོར་མ་གཏོགས།།
གཞན་རྣམས་སུ་དང་གང་ལ་འོས་ཤིང་འཚམས་པའི།།
རྒྱུ་མཚན་ཡོད་པ་མ་མཐོང་ཆུ་ལེན་བུ་མོ།།
ཆང་སྐྱེས།
བསམ་ཚུལ་ཕྲིས།