གདང་ལ་རི་བོ།
དབྱིན་ཡིག བོད་ཡིག
ས་བཅད་ཁག་ལ་གཟིགས།
  • མདུན་ངོས།
  • ང་ཚོའི་སྐོར།
  • རྩོམ་ཡིག
    • སྙན་ངག
    • དཔྱད་རྩོམ།
    • འབོལ་རྩོམ།
    • ལོ་རྒྱུས།
    • སྒྲུང་རྩོམ།
    • མགུར་གླུ།
    • བཅར་འདྲི།
    • ཟིན་ཐོ།
  • པར་མཛོད།
  • བརྙན།
  • གསར་གནས།
  • འབྲེལ་གཏུགས།

ཨ་འཇམ་གྱི་རྩོམ་གསར་པ་ཞིག

ཟླ་དྲུག་པ། 23, 2021 | སྡེ་ཚན།: འབོལ་རྩོམ།

སྙན་ངག་གི་རྨང་གཞི་དང་ཚོར་བ། ཨ་འཇམ།  ་་་་་་་་་་་་་་་་་་་་་་་་་་་ སྙན་ངག་དང་འབྲེལ་བའི་ལབ་བརྡོལ་་ཐན་ཐུན།

འགར་ཐང་དཀར་འབོལ་རྩོམ་གསར་པ།

ཟླ་གསུམ་པ། 25, 2020 | སྡེ་ཚན།: འབོལ་རྩོམ།

རང་གཤིས་ཀྱི་གདུང་འབོད་ལས་འཕྲོས་པའི་གཏམ་ཐོར་བུ། མགར་ཐང་དཀར། མཚོ་ལྷོ།

ནགས་ཤོད་ཅོང་བརྡའི་འབོལ་རྩོམ་ཞིག

ཟླ་དང་པོ། 23, 2020 | སྡེ་ཚན།: འབོལ་རྩོམ།

བཙན་གཡེམ་ཐེབས་མ་ཐེབས།

རྩོམ་པ་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་འབོལ་རྩོམ་ཞིག

ཟླ་བཅུ་པ། 21, 2019 | སྡེ་ཚན།: Uncategorized, འབོལ་རྩོམ།

དགེ་རྒན་ནི་འོད་དུ་འཚེར་བའི་ཕ་ལམ་གྱི་ཕྲ་རྒྱན་ཞིག་ཡིན།

བསྟན་འཛིན་གྱིས་བརྩམས་པའི་གོ་ལ་དང་སྲོག་ཆགས་སྲུང་སྐྱོང་སྐོར།

ཟླ་བཞི་པ། 6, 2019 | སྡེ་ཚན།: འབོལ་རྩོམ།, འོས་སྦྱོར།, རྩོམ་ཡིག་ལེགས་གྲས།

རྩོམ་མཁན་བསྟན་འཛིན།    ཨོ་རྒྱན་གྱིས་བསྒྱུར། ལོ་ངོ་དུང་ཕྱུར་4ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འགྲོ་བ་མི་ནི་སའི་གོ་ལའི་ཐོག་ཆེས་སྒྱུར་བཀོད་དབང་ཡོད་ཀྱི་སྲོག་ཆགས་དེ་ཆགས་ཡོད། ལོ་ངོ་སྟོང་ཕྲག་ཙམ་གྱི་དུས་ཡུན་ནང་ཁོ་ཚོས་ཕྱུགས་འཚོ་བ་དང་རྨོས་འདེབས་ལ་བརྟེན་ཅིང་། སའི་གོ་ལའི་སྐམ་སའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་གྲོང་ཁྱེར་ཁོ་ནས་ཟིན་ལ། སའི་གོ་ལ་འདི་ཉིད་ས་བརྐོ་རྡོ་སློག་དང་བྲུས་བཅད་གཏུབ་གསུམ་དུ་བཏང་བ་དང་ནགས་ཚལ་འབོར་ཆེན་བཅད་འགྱེལ་བྱས་པས། ས་སྤུས་བྱེ་འགྱུར་དང་ཆུ་དང་གཙང་པོར་བཙོག་སྐྱོན་ཕོག་ཅིང་སྐྱེ་འགྲོ་གྲངས་ལས་འདས་པ་རྩ་སྟོངས་སུ་གྱུར་ཡོད། སའི་གོ་ལའི་ཐོག་སྲོག་ཆགས་མི་ལས་དབང་ནུས་སྟོབས་ཤུགས་ཆེ་བ་གཞན་ཞིག་ཡོད་པའི་དབང་དུ་བཏང་ན། དེས་མིའི་རིགས་ནི་སའི་གོ་ལ་ནས་རྒྱང་དུ་སྤྱུགས་རྒྱུ་སྨྲོས་མེད་ཡིན། འགྲོ་བ་མི་ནི་རང་བྱུང་ཁམས་ཆེན་མོའི་མངལ་ལས་སྦྲུམ་པ་གང་ཞིག་དེ་ལ་ཐིམ་འགྲོ་ཞིང་། སའི་གོ་ལའི་ཐོག་གི་སྲོག་ཆགས་ཡོད་རྒུ་རང་བྱུང་ཁམས་ཆེན་མོའི་བུ་ཕྲུག་ཡིན། སའི་གོ་ལའི་ཐོག་འགྲོ་བ་མི་དང་དབུགས་ཐོགས་གཞན་ཕན་ཚུན་ཟླ་གྲོགས་ཀྱི་ཚུལ་དུ་མཉམ་པོར་འཚོ་ཞིང་རོལ་ལ། མཐོ་རིམ་སྲོག་ཆགས་ཡིན་པའི་མིས་ཚེ་སྲོག་གཞན་པར་བརྩི་ཞིང་བཀུར་དགོས། དེས་ན་འདིར་ཚེ་སྲོག་ནི་ཅི་ཞིག་ཡིན་ནམ་ཟེར་ན། འདྲིས་ཆ་ཡོད་པའི་བརྗོད་གཞི་འདིའི་ཐད། ཚན་རིག་མཁས་པ་ཡིན་ནའང་འདྲ། མིའི་རིགས་རིག་པའི་དྲན་དབང་ངམ། མཚན་ཉིད་རིག་པ་སྨྲ་མཁན་སུ་ཞིག་ཡིན་རུང་། དེ་དག་ཀུན་ལ་ཐུན་མོང་གི་ལྟ་ཚུལ་ཞིག་མེད། འོན་ཀྱང་ཁོ་ཚོར་ངོས་ཟིན་གཅིག་འགྱུར་བ་ཞིག་མངའ་བ་ནི། ཚེ་སྲོག་ལས་རྩ་ཆེ་བ་གཞན་གང་ཡང་མེད་པ་དེའོ།། ཚེ་སྲོག་ནི་སྲོག་ཆགས་ཐམས་ཅད་ཀྱི་གནས་པའི་ཚོར་བ་དང་སླར་ཡང་སྐྱེ་བའི་ནུས་སྟོབས་ཡིན་ཞིང་། འཕེལ་འགྱུར་དང་རྒྱུད་སྤེལ། གསར་འབྱེད། སྙོམས་གསོ་དང་ཚོར་ཤེས། དེ་མིན་ཁྱུ་གཅིག་ཏུ་བསྡུས་པ་དང་ཁ་བྲལ་ཏེ་འཐོར་བ་སོགས་དེ་དག་ནི་ཚེ་སྲོག་ཀུན་ལ་གདོད་ནས་མངའ་བའི་ལྷན་སྐྱེས་ཀྱི་ཆོས་སུ་གྲུབ་ཡོད། མིའི་རིགས་ཀྱིས་སྲོག་ཆགས་གཞན་གྱི་གདོད་མའི་འཚོ་གནས་ཀྱི་གནས་བབ་ལ་ཕོག་ཐུག་དང་། བཙན་དབང་། ཧམ་འཕྲོག་བྱེད་པའི་སྤྱོད་ཚུལ་དེ་ནི། ཐོག་མར་གྲོང་ཁྱེར་ནང་དུ་སྲོག་ཆགས་ར་བ་བཙུགས་ཤིང་། རྒྱུན་ཆད་མེད་པར་སྲོག་ཆགས་རྩ་ཆེའི་རིགས་འདྲ་མིན་སྤྱི་གླིང་གི་ར་སྐོར་བཙན་པོའི་ནང་བཅུག་པ་དང་། རང་དབང་དང་རང་གཅེས་མངའ་བའི་སྲོག་ཆགས་རྣམས་དྲ་བའི་གཟེབ་ཏུ་བཙུད་དེ་མི་རྣམས་ཀྱིས་ལྟད་མོ་ལྟ་བ་དང་ཐ་ན་སྡུག་རྩེད་རྩེ། དེ་དག་སྒོ་ར་ཆུང་ངུའམ་སྤྱི་གླིང་གཞི་རྒྱ་ཆུང་ངུ་དེའི་གཟེབ་ནང་གནས་པས། དེ་སྔ་ཅི་འདྲའི་རྩུབ་ཅིང་རྒོད་ལ་ཚོར་བ་སྐྱེན་པ། གཏུམ་ཞིང་རྔམ་ལ་འཇིགས་ཞུམ་བྲལ་བ། གྲང་ངར་བཟོད་ཅིང་ལུས་ཤེད་བཟང་བ་ཞིག་ཡིན་རུང་། ག་ལེར་རྒྱུད་རྒྱུ་ཉམས་ཤིང་ལུས་ཟུངས་ཤོར། མཐར་རང་གི་ངོ་བོ་བརླགས་པར་གྱུར་འགྲོ སྤྱི་གླིང་ནང་དུ། ང་ཚོས་ནམ་རྒྱུན་དོམ་གྱི་ཞུ་བ་ཕུལ་ནས་ཟ་བཏུང་སློང་བ་དང། སྤྱང་ཀིས་མཇུག་མ་གཡུག་བཞིན་ལྟོ་ལ་རེ། སྟག་དང་གཟིག་གིས་བཙོག་པུར་ལངས་ནས་ཤ་ཟན་ལ་རེ་བའི་ཚུལ་དེ་མཐོང་དང་མཐོང་བཞིན་ཡོད། ཁྲོམ་སྲང་ལྟར་འཁྲུག་ཆ་དོད་པའི་སྲོག་ཆགས་ར་བ་ནི། མི་ཚོགས་ཀྱི་ལྟ་སྣང་དོད་པའི་འདུ་ར་ཡིན་ལ་མིའི་རིགས་ཀྱིས་ཚེ་སྲོག་ལ་རྡོག་རོལ་གཏོང་བའི་སྐྱོ་གར་གྱི་སྟེགས་བུ་ཡང་ངོ་།། ཕྲན་བོད་དུ་ཡོད་དུས་ཤིག་ལ་ཟི་ཁྲོན་གྲེང་ཏུའུ་ཡི་སྲོག་ཆགས་ར་བ་ཞིག་གིས་གངས་ལྗོངས་ས་མཐོའི་འབྲི་གཡག་རྔམ་སྟོན་བྱ་ཆེད། བོད་ལྗོངས་ནག་ཆུ་ནས་འབྲོང་3ཟིན་ནས་གྲང་ཏུའུ་རུ་དབོར་བ་རེད། མཚོ་འཕགས་རྨི་4000ལྷག་ཟིན་པའི་གྲང་ངར་ཆེ་བའི་མཐོ་སྒང་ནས་ཚ་བས་དུབ་པའི་ཀླུང་ཐང་ཐོག་སླེབས་པ་དང་། རི་སྐྱེས་རྩྭ་ཟན་ནས་སྡོམ་གསོས་འཚོ་སྐྱོང་ལ་འགྱུར་བའི་ཚེ། ང་ཚོས་ཚེ་སྲོག་གི་ཉམས་རྒུད་དེ་བསམ་ཚོད་ཐུབ་པ་ཞིག་གོ …

མི་ཆོས་རིག་པའི་གླེང་གཞི།

ཟླ་དགུ་པ། 4, 2018 | སྡེ་ཚན།: འབོལ་རྩོམ།

རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ། མི་ཆོས་རིག་པའི་གོ་དོན། མི་ཆོས་རིག་པ་ནི་དེང་སྐབས་བོད་ཕྱི་ནང་གཉིས་སུ་འགོ་འབུས་ཙམ་གྱི་གླེང་གཞི་ཞིག་ཡིན། སྐུ་ཞབས་ཞོགས་དུང་སོགས་བོད་ནང་གི་རྩོམ་པ་པོ་དག་གིས་གླེང་བཞིན་པའི་མི་ཆོས་རིག་པ་ནི་ནུབ་ཕྱོགས་དང་རྒྱ་ནག་གི་མཁས་པ་ཚོས་གླེང་མྱོང་བའི་མི་ཆོས་རིག་པ་ཡིན་པས་དེ་དག་གིས་ཤན་ཤུགས་ཀྱིས་མི་ཆོས་རིག་པ་ནི་ཆོས་ཀྱི་གཞུང་ལུགས་སུ་མཐོང་མི་སྲིད་པ་དང་།

ཡ་ང་བའི་བོད་པ་ཚང་གི་སྐད་ཡིག་གི་ཁྱབ་ཁོངས།

ཟླ་དགུ་པ། 4, 2018 | སྡེ་ཚན།: འབོལ་རྩོམ།

  རྩོམ་པ་པོ། བློ་བཟང་ཆོས་འབྱོར། ངོས་འཛིན་མ་ཐུབ་པའི་སྤྱི་ཚོགས་ཤིག་གི་ཤེས་ཡོན་སློབ་གསོའི་འཐུས་ཤོར།   སྤྱི་ཚོགས་ཤིག་ཆགས་པར་ཤེས་ལྡན་མི་སྣ་འདྲ་མིིན་སྣ་ཚོགས་དགོས་ཤིང་། བྱ་བ་ཚང་མ་གཅིག་པ་དང་མི་ཚང་མ་གཅིག་པ་ཡིན་ན། སྤྱི་ཚོགས་དེ་ནི་དཔལ་ཡོན་ཉམས་པའི་སྤྱི་ཚོགས་ཤིག་ཡིན་ངེས་རེད། ཤེས་ལྡན་མི་སྣའི་ཚོགས་ཀྱིས་སྐྱོན་སྤང་དགེ་སྒྲུབ་དང་། ཕན་ཚུན་གཞོགས་འདེགས་ཡག་པོ་བྱས་ན་ང་ཚོའི་རྒྱལ་ཁབ་འདི་ཉིན་རེ་བཞིན་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་ངེས་རེད།

1 2 3 ཤོག་ངོས་ཕྱི་མ། →

འོས་སྦྱོར།

  • ཨ་འཇམ་གྱི་རྩོམ་གསར་པ་ཞིག
  • འགར་ཐང་དཀར་འབོལ་རྩོམ་གསར་པ།
  • ནགས་ཤོད་ཅོང་བརྡའི་འབོལ་རྩོམ་ཞིག
  • རྩོམ་པ་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་འབོལ་རྩོམ་ཞིག
  • བསྟན་འཛིན་གྱིས་བརྩམས་པའི་གོ་ལ་དང་སྲོག་ཆགས་སྲུང་སྐྱོང་སྐོར།
འོས་སྦྱོར་གཞན་ཁག་ལ་གཟིགས་་་་་་་་་་

རྩོམ་ཡིག་ལེགས་གྲས།

  • ཨ་འཇམ་གྱི་རྩོམ་གསར་པ་ཞིག
  • འགར་ཐང་དཀར་འབོལ་རྩོམ་གསར་པ།
  • ནགས་ཤོད་ཅོང་བརྡའི་འབོལ་རྩོམ་ཞིག
  • རྩོམ་པ་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་འབོལ་རྩོམ་ཞིག
  • བསྟན་འཛིན་གྱིས་བརྩམས་པའི་གོ་ལ་དང་སྲོག་ཆགས་སྲུང་སྐྱོང་སྐོར།
རྩོམ་ཡིག་ལེགས་གྲས་གཞན་ལ་གཟིགས་་་་་

གསར་རྩོམ།

  • ས་ག་ཟླ་བར་སྟོན་པ་དྲན་ཚུལ། ཟླ་དྲུག་པ། 2, 2025
  • ༧རྒྱལ་དབང་ཀརྨ་པས་གོ་སྟོན་ལ་ཕུལ་བའི་སྙན་ངག ཟླ་དྲུག་པ། 1, 2025
  • བདག་གི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་པའི་བླ་མ་འཆི་མེད་རིག་འཛིན། ཟླ་ལྔ་པ། 6, 2025
  • ཐ་སྙད་འགའ་ཞིག་གི་བསམ་གཞིག ཟླ་ལྔ་པ། 6, 2025

ཀློག་མང་ཤོས།

  • སྤྲིན་དཀར་ལམ་རྙིང་མཇལ་བའི་སྤྲོ་སྣང་།
  • འདྲེད་བརྡབས་ཤོར་བ། སྒྲུང་རྩོམ།
  • <<མེ་ཏོག་ལྷ་མཛེས་དང་རེ་སྒུག>>
  • ༧སྐུའི་འཁྲུངས་སྐར་བསུ་བའི་སྙན་ངག
  • དིང་རི་ལ་ཕུལ་བའི་སྙན་ངག

མཆན་གསར་ཤོས།

    བརྒྱུད་ལམ་གཞན་ཁག

    Facebooktwittergoogle_pluslinkedinrssyoutube
    Danglariwo (16)
    Danglariwo (15)
    Danglariwo (15)
    Danglariwo (14)
    Danglariwo (14)
    Danglariwo (13)
    Danglariwo (13)
    Danglariwo (12)
    Danglariwo (12)
    Danglariwo (11)
    Danglariwo (11)
    Danglariwo (10)
    Danglariwo (10)
    Danglariwo (9)
    Danglariwo (9)
    Danglariwo (8)
    Danglariwo (8)
    Danglariwo (7)
    Danglariwo (7)
    Danglariwo (6)
    Danglariwo (6)
    Danglariwo (5)
    Danglariwo (5)
    Danglariwo (4)
    Danglariwo (4)
    Danglariwo (3)
    Danglariwo (3)
    Danglariwo (2)
    Danglariwo (2)
    . .
    འབོལ་རྩོམ།              དཔྱད་རྩོམ།           ལོ་རྒྱུས།           སྒྲུང་རྩོམ།               སྙན་ངག              མགུར་གླུ།           བཅར་འདྲི།           ཟིན་ཐོ། 

    © 2025 གདང་ལ་རི་བོ།