ཚེ་བསོད་ཟད་པའི་སྔ་གཞུག

རྩོམ་ཡིག་འདི་ཐེངས་ 348 བཀླགས་འདུག

ཚེ་བསོད་ཟད་པའི་སྔ་གཞུག

ལི་ཐང་དབྱིག་གཉེན། ནོར་གླིང་མཐོ་སློབ།

ཚེ་བསོད་ཟད་པའི་སྔ་ནུབ་ཏུ།།
ལས་ཀྱི་མཁའ་རླུང་ན་བུན་འཐིབ།།
གྲིབ་མ་གཅིག་པུ་འཁོར་ཤུལ་དུ།།
ལང་ཚོ་མངས་པོ་དོན་མེད་རུལ།།

རི་གྲོང་འགུལ་བའི་ཞོཌ་པ་འདིར།།
རྡོ་བ་མང་པོ་སྲང་དུ་ཉུལ།།
དར་སྐུད་ཁོ་ན་གསོན་ན་ཡང་།།
སྡེ་འདི་ཀུ་རེའི་ཚུལ་དུ་སྣང་།།

རླུང་རྟ་བོར་བའི་རི་གཤོང་ཀུན།།
སྨིག་སྒྱུ་ཅུང་ཙམ་ཚེས་པ་ཡིས།།
མདུན་རྒྱབ་ཕར་ཚུར་གནའ་མི་འགྲོག།
བག་ཆཌ་དེ་ཡིས་འབུད་རྒྱག་གཏོང་།།

དབྱར་ཁ་ལས་དང་མེ་ཏོག་ལྷན།།
ན་མཉམ་བགྱིས་ཏེ་གང་སར་བབས།།
རྨི་ལམ་བརླགས་པའི་སྔ་གཞུག་ཏུ།།
ཞག་སྨད་དྲན་པ་རྦད་དེ་བརྗེད།།
༢༠༡༦-༨-༧

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *