དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 5 བཀླགས་འདུག

དིང་རི་བ། བསོད་ནམས་ནོར་བུ།
བསམ་མེད་ས་ཆེན་ངེས་མེད་འཁྲུགས་པ་ལས།།
བརྩེ་མེད་གོད་ཆག་མགོ་བོར་ལྷུང་བའི་དུས།།
རིགས་གཅིག་སྤུན་ཟླ་ཁྱེད་ཅག་ལྷན་དུ་ཡོད།།
ཐུགས་སེམས་སྐྱོ་སྐྱོ་མ་གནང་དིང་རི་བ།།
ཐོགས་བཅས་རི་ཆུས་རྒྱང་ཐག་བཅད་ན་ཡང་།།
ཐོགས་མེད་བླ་མའི་ཐུགས་སྨོན་རྣམ་དག་དེ།།
བརྩེ་བའི་སྤུན་ཟླ་ཁྱོད་ཅག་བསྲིངས་སོང་ན།།
སེམས་ཀྱི་སྤོབས་པ་མ་ཞུམ་དིང་རི་བ།།
ཕྱི་ཡི་ཁང་ཁྱིམ་ས་ལ་ཐོར་ན་ཡང་།།
ནང་གི་རེ་བ་སྟོབས་ཀྱིས་འཛིན་པ་ཡི།།
བློ་དང་ཁོག་པ་ཡངས་པའི་གདོང་དམར་པ།།
སྡུག་གི་མིག་ཆུ་མ་གཏོང་དིང་རི་བ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *