གཅེར་བུ་པའི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 37 བཀླགས་འདུག


༢༠༢༤

མིག་སྣ་རྩེར་ཕབ་ནའང་
ནམ་མཁའ་སྔར་བཞིན་ཆེ
རང་ལམ་མི་གསལ་བའི་ཉིན་མ་གསུམ་བརྒྱ་དྲུག་ཅུ
ད་ལྟ་བརྩིས་ན་ལོ་གཅིག་ཟེར་བ་དེ་ཡིན་པ་འདྲ

བརྩེ་འདང་གིས་མེ་ཏོག་བཏབ་རྗེས
ང་རང་ལས་ང་རང་གཞན་ཞིག་སྐྱེས
པར་ཞིག་བརྡབ་ནས་ཤོག་བུར་བཀྲུ་དུས
རི་ལྗོངས་དང་གློ་བུར་བའི་སྣང་ཚུལ་མཐུག་ལ
རང་སེམས་ནི་ཐག་རིང་ལ་ཤར་བའི་འཇའ་ཙམ་ཞིག་དོད

མཚོན་ཐབས་བྲལ་བ་ནི་རླུང་བུ་བཞིན
དགའ་སྐྱོ་མཐའ་དག་ཕྱིར་བསྡུ་ཐབས་མི་འདུག
ལྡོག་འཕྲོ་ལྟ་བུ་སེམས་ཁོངས་ཀྱི་དེ་དག
ད་ལྟ་རྫི་མའི་གོང་གི་བ་མོར་གྱུར

སྐད་ཆ་མཐའ་དག་ཁ་རླངས་བཞིན་ཆས་དུས
ཁྱེད་ཀྱིས་དུ་བ་དང་གཅིག་ཏུ་འཁྲུལ་སྲིད
ཆུ་བོ་ཧ་ཅང་འཁྱག་ནའང་
དགུན་ཁ་ཞེས་པ་ནི་ལྟ་ཚུལ་གཞན་ཞིག་ཡིན་འདུག

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *