གཅེར་བུ་པའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 74 བཀླགས་འདུག
ཆ་མེད་ཚིག་ལ་སྡེབ་པའི་འཕྲུལ་གླུ།
གླ་འཁོར་ཆ་མེད་མིག་གི་རྒྱ་ལས་འདས།།
རེབ་གཅིག་ང་རང་དྲན་པ་རབ་རིབ་གྱུར།།
ཕལ་པའི་མིག་ལ་འགོངས་པའི་སྣང་བ་འདི།།
ད་ལྟ་ལག་པས་ཟིན་གྲབས་ཡོད་པ་འདྲ།།
སྐྱེ་བོ་ཕལ་ཆེར་གོམ་ཞེང་ཆུང་ན་ཡང་།།
ས་ཁྱོན་དག་ནི་ལས་ཀྱིས་བསྐོས་པར་འདུག།
འདུ་བྲལ་ངེས་མེད་ཀློང་གི་སྙིང་ཉེ་ཡང་།།
བརྩེ་གླུ་ལེན་བཞིན་ད་ལྟ་ཆས་ལ་ཕྱོགས།།
མི་ཚོགས་ངོ་གདོང་རུབ་པར་ཞེད་སྣང་ཅི།།
འཆི་བ་ཆ་མེད་འུ་ཅག་མཚུངས་པར་མངའ།།
གློག་འཁྱུག་འབྲུག་སྐད་ལྡིར་བ་དེ་མ་ཉིད།།
ཞེ་ལ་སྒྲོན་པའི་དཀར་མེ་ཚེ་ལས་འདས།།
ས་ཚིགས་རེ་ལ་ཞག་མལ་ག་ཚོད་བྱེད།།
དེའི་རྒྱབ་ཏུ་མི་ཁ་ག་ཚོད་འགུལ།།
རླུང་དང་བུ་ཡུག་རྣ་རྒྱབ་རླུང་བུར་བཏང་།།
དེ་དུས་ཅི་བྱུང་མུན་པ་ཁོ་ནར་དྲིས།།
ཝ་ཡེ་དུས་ཀྱི་བྱེ་བའི་མི་ཚོགས་རྣམས།།
གཅིན་ཚུགས་ལྟ་བུ་ཐ་མའི་འདུག་ལུགས་འདི།།
འུ་ཅག་བརྙན་དུ་བཤམས་པའི་ཚུལ་ལགས་ན།།
ཁྲོ་དང་སྡང་ལ་སྙིང་པོ་ཅི་ཙམ་མཆིས།།
བསམ་ཚུལ་ཕྲིས།