གཅེར་བུ་པའི་སྙན་ངག་གསར་ཤོས།

རྩོམ་ཡིག་འདི་ཐེངས་ 182 བཀླགས་འདུག

སྐབས་ཤིག་གི་སྐྱེ་བ།
རླུང་བུ་འཇམ་པོས་བྱིལ་བྱིལ་གནང་ཙམ་གྱིས།།
དབྱར་ལྗོངས་དེ་ནི་སླར་ཡང་གཙང་མ་བཟོས།།
མི་ཚོགས་ག་ཚོད་བུད་ཅིང་ག་ཚོད་འོང་།།
ཆུ་དང་དང་བྱེ་མ་འཐབ་པའི་ངང་ཚུལ་ལོ།།
སྨུག་དང་རླུང་བུ་འདྲེས་པའི་དཔེ་ཉིད་དོ།།
ང་ནི་འདི་རང་མིན་པར་གཞན་ཞིག་སྟེ།།
མེ་ཏོག་མེད་པའི་ལྡུམ་བུ་ཡིན་པར་སྙམ།།
ཆུ་གོང་ལྟ་བུ་ཚེ་འདི་ཇི་ཙམ་བར།།
ཐུག་ཞོར་ཟད་ཞོར་ཁྱེད་ལ་བརྩེ་འདང་འཆང་།།
སྨོན་ཞོར་ལྟ་ཞོར་ཁྱེད་ལ་གྲོས་ཤིག་གདབ།།
རླུང་རྟ་འཕར་ན་སྙམ་པོ་སྐྱེ་བོ་དེ།།
ཕྲག་གོང་ཟླ་བའི་འོད་ཀྱིས་མར་མར་མནན།།
སུ་ཞིག་གོམ་པའི་འགྲོས་ཀྱིས་མིག་ཡོན་པའི།།
ལམ་བརྟོལ་མགྲོན་པོ་གང་ལ་བཞག་པའི་ཆ།།
ཡི་གེར་ཆུད་ཐབས་མེད་པ་དེ་རང་ངོ་།།
དབྱར་ངོ་ཞིག་གི་དགྱེས་འཛོམས།
དུས་ཚོད་ལ་སྣུམ་ཆ་ཐོན་དུས
སྒོ་འགྲམ་གྱི་སྡོང་པོར་ཤིང་འབྲས་སྨིན
རྐང་ལམ་དེ་བཀླགས་ཐེངས་ཤིག་གིས
ཕྱིར་བལྟས་ཤོར་བའི་ནག་ཉེས་ཕོག
དུས་གཟེར་དེ་དག་ཇི་ཙམ་བར་ཕུད་ནའང་
ང་རང་མགྲོན་པ་ཡིན་པ་བསྒྱུར་ཐབས་མི་འདུག
མི་ངོ་འགྲིམ་འགྲིམ་གྱི་མཐའ་མར
ང་ང་རང་དང་ཁྱོད་ཁྱོད་རང་ཡིན་པའི་སྐད་ཆ་བྱུང་སོང་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *