སྙིང་མིག་གི་སྙན་ངག་གསར་པ་ཞིག།
རྩོམ་ཡིག་འདི་ཐེངས་ 218 བཀླགས་འདུག
སྤྱིལ་པོ་འདི་ལ་ལུས་ཀྱི་འདུན་པ་འོངས།།
རྩྭ་ལོ་འདི་ལ་སེམས་ཀྱི་ཆགས་པ་འོངས།།
བྱེ་འུ་སྐད་ལ་ངག་གི་ཆུམས་པ་འོངས།།
བུངས་ཆེན་ཟེར་ཡང་བརྩེ་བ་དེ་ཀ་ཙམ།།
འདང་ཆེན་ཟེར་ཡང་ལོ་ཐང་དེ་ཀ་ཙམ།།
དུར་ཁྲོད་བསྐྱལ་ཡང་མྱ་ངན་སྔར་བཞིན་བསང་།།
གློ་བ་དྲལ་ཡང་ཞོ་ཤས་སྔར་བཞིན་དོང་།།
ནང་ཁྲོལ་བཞབས་ཀྱང་གན་དུ་སྔར་བཞིན་འཁོར།།
བདག་ནི་བྱ་མ་བུམ་གྱི་སྐྱེ་བ་འམ།།
དྭངས་མོ་བོ་ཞིང་དྭངས་མོ་ཡོམ་པའི་མི།།
སབ་མའི་ངོས་སུ་སྐྲ་དང་ཁ་སྤུ་སྐྱེས།།
རྒོངས་ཀའི་བྱ་ཁྱུས་སྒྲུང་དང་ལྡེ་འུ་གླེང་།།
ཚེ་དང་ལྡན་པ་གངས་རི་ཆུ་བོ་དག།
ཟངས་ཀྱི་དོར་མ་གྱོན་གྱིན་རི་ལ་ཆས།།
བདག་གི་ཆས་ཀ་དོ་ནུབ་རི་ལ་ཡིན།།
༢༠༢༡/༨/༡༥ སྙིང་མིག
བསམ་ཚུལ་ཕྲིས།