ཟླ་བ་འདི་དག
རྩོམ་ཡིག་འདི་ཐེངས་ 543 བཀླགས་འདུག
ཟླ་བ་འདི་དག
ཐང་ནག ནོར་གླིང་མཐོ་སློབ།
རྒྱང་གི་མི་དེ་སྨུག་པའི་ཁྲོད་ནས་བརླགས།།
དེ་དང་ལྷན་དུ་རྨི་ལམ་རེ་གཉིས་ཡལ།།
ཡིད་ལ་སྨྲེང་ཆར་འབབ་པའི་ཟླ་བ་འདིར།།
གཅིག་པུས་སྙན་ངག་ཀློག་གིན་མཚན་ནམ་བསྐྱལ།།
སྲོད་ཀྱི་གྲང་རླུང་ལྡང་བའི་སྒེའུ་ཁུང་ཁར།།
མིག་ཟུང་བྱང་ལ་ཅེར་ནས་སུ་ཞིག་སྒོམ།།
རྒྱང་དཀྲོལ་རོལ་དབྱངས་འདར་བའི་འགྱུར་ཁུགས་ཀྱིས།།
སུ་ཡི་སྐྱོ་དབྱངས་འཁུར་བཞིན་བྱང་ལ་ཤོར།།
གདུང་བ་རུམ་ལ་འགུལ་བའི་མཚན་སྨག་རེས།།
ཉིན་ཐོ་སྐྱ་བོའི་ངོས་ནས་སུ་ཞིག་བྲིས།།
བརྗོད་མེད་སྙིང་ནས་འབར་བའི་ན་ཟུག་འདིས།།
སུ་ཡི་སྙིང་གཏམ་འཁུར་བཞིན་ཡང་ཡང་གཙེ།།
ད་ནི་བྲལ་གདུང་སྣང་བ་རབ་རིབ་ངོས།།
ཁ་སང་རྨིས་པའི་རྨི་ལམ་མ་རྙེད་པས།།
སྨྲ་མེད་སྣང་བ་གཅོང་བའི་ཏིང་འཛིན་གྱིས།།
མག་མོག་འཇིག་རྟེན་ག་ཚོད་བརྒལ་དགོས་སམ།།
བསམ་ཚུལ་ཕྲིས།