ས་ག་ཟླ་བར་སྟོན་པ་དྲན་ཚུལ།
ས་ག་ཟླ་བར་སྟོན་པ་དྲན་ཚུལ། བླ་རུང་། རིག་ལྡན་ཉི་མ། ཕ་མཐའ་ཟད་དུ་མེད་པ་སྲིད་པའི་ཐང་ནས། ། གཞལ་དཀའ་གོམ་པའི་འགྲོས་ཀྱིས་ཧ་ཅང་དུབ་ཚེ། ། སྙིང་ལ་བདུད་རྩིའི་བསང་གཏོར་ཡི་གར་འོང་བ། ། སྟོན་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལད་ཅིག །
ས་ག་ཟླ་བར་སྟོན་པ་དྲན་ཚུལ། བླ་རུང་། རིག་ལྡན་ཉི་མ། ཕ་མཐའ་ཟད་དུ་མེད་པ་སྲིད་པའི་ཐང་ནས། ། གཞལ་དཀའ་གོམ་པའི་འགྲོས་ཀྱིས་ཧ་ཅང་དུབ་ཚེ། ། སྙིང་ལ་བདུད་རྩིའི་བསང་གཏོར་ཡི་གར་འོང་བ། ། སྟོན་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལད་ཅིག །
༄༅། །སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་དགའ་སྟོན་ལ་བསྟོད་པ། མ་ལུས་ཞིང་གི་རྒྱལ་དང་རྒྱལ་སྲས་སློབ་མར་བཅས་པའི་ཚོགས་ཐམས་ཅད། ། གཅིག་ཏུ་བསྡུས་ཀྱང་གང་གི་མཛད་པའི་ཆ་ཤས་ཙམ་ཡང་མི་བསྒྲུན་པ། ། སྲིད་ཞིའི་འདྲེན་མཆོག་ལྷ་མིའི་རྣམ་འདྲེན་བསྟན་འཛིན་རྒྱ་མཚོར་ཆེར་གྲགས་པའི། ། མགོན་པོ་ཁྱོད་ཀྱིས་དགེ་ལེགས་བྱེ་བས་འགྲོ་འདི་བྱང་ཆུབ་བར་དུ་སྐྱོངས། །
རྩོམ་པ་པོ། མཁན་ཆོས་དབྱིངས་ལྷུན་གྲུབ། རིགས་དང་འབྱོར་བས་མི་དྲེག་ཐོས་པའི་སྙེམས་པ་ཐེད་ལ་བོར། ། མཁས་པའི་ཁུར་གྱིས་ལྗིད་ཅིང་བཙུན་པའི་དཔེ་ཟླ་སྲིད་ན་དཀོན། ། བཟང་པོའི་ཡོན་ཏན་བློ་ཡིས་མི་ཆུན་ཞི་དུལ་དེས་པའི་སྤྱོད་པ་ཅན། ། དམན་བུའི་སེམས་ཀྱི་དཀོན་མཆོག་དང་པོ་ནམ་ཡང་དད་པའི་ཕུ་དུད་བྱེད། །
< > མེ་ཏོག་ལྷ་མཛེས། རང་ལོ་དྲུག་ཙམ་ལོན། ན་ཚོད་ཕྲ་མོ་དེ་འཆར་ཡན་ཕྲ་མོས་སྐྱེད། བྱིས་སྒྲུང་ཀློང་ནས་རང་གིས་འཇིག་རྟེན་ཞིག་བསྐྲུན། རྟག་པར་རྒྱལ་སྲས་ཤིག་རང་ཉིད་ལེན་དུ་ཡོང་ན་སེམས།
____ གླིང་ཚང་ཕྲིན་ལས་མཐར་ཕྱིན། ཡིད་འོང་རྣམ་མཛེས་ཆུ་སྐྱེས་སྟོང་ལས་ལང་ཚོའི་འཇོ་སྒེག་མཚར་མོ་མ།། སྙན་འཇེབས་རྒྱུད་མངས་དབྱངས་ལ་སྒྲུན་ཞིང་གླུ་ཡི་འགྱུར་ཁུག་འགུག་མཁན་མོ།། ཀུན་ནས་མཛེས་ཤིང་ཀུན་ཏུ་སྙན་པའི་དཔལ་དང་ཕུན་ཚོགས་ཡོངས་རྫོགས་པ།། སྙན་པའི་ངག་ལ་རང་དབང་སྟེར་མཛད་དབྱངས་ཅན་མ་ཡིས་དགེ་ལེགས་སྩོལ།།
རྡོ་རྗེ་རྩེ་མོའི་ལྟ་སྒོམ་སྤྱོད་པའི་མགུར་རང་བྱུང་རྫ་རིའི་སྒྲ་བརྙན་ཞེས་བྱ་བ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།
༄༅། །སྟོན་པའི་རྣམ་ཐར་སྤྲིན་དཀར་ལམ་རྙིང་མཇལ་བའི་སྤྲོ་སྣང་ བདུད་རྩིའི་ཐིགས་པ་ཞེས་བྱ་བ།
© 2025 གདང་ལ་རི་བོ།