ལྡི་ལི་བུད་མེད་མཐོ་སློབ་ཀྱི་སློབ་མ་དོན་གྲུབ་སྒྲོལ་མར་བཅར་འདྲི་ཞུས་པ།
དྲི་བ། བཀྲ་ཤིས་བདེ་ལེགས། སློབ་སྦྱོང་གི་སེམས་ཁམས་དང་པོ་རྙེད་ཚུལ་དང་འབྲེལ་ཁྱེད་ཀྱི་ངོ་སྤྲོད་གནད་བསྡུས་ཤིག་གསུང་རོགས། ལན། ང་ནི་བོད་ཁམས་སྡེ་དགེ་སྨན་ཤོད་ལུང་པ་ནས་ཡིན་པ་དང་། མིང་ལ་དོན་འགྲུབ་སྒྲོལ་མ་ཟེར། བདུན་འདིའི་ནང་རྒྱ་གར་རྒྱལ་ས་ལྡི་ལིའི་བུད་མེད་མཐོ་སློབ་ཅིག་ནས་དབྱིན་ཡིག་རྩོམ་རིག་ཆེད་སྦྱོང་ཐོག་སློབ་མཐར་ཕྱིན་ཡིན།