གཅེར་བུ་པའི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 114 བཀླགས་འདུག


བདག་འཛིན

རྨི་ལམ་དུ་མངོན་པའི་ཁང་ཁྱིམ་དག
དེ་རིང་ལ་དངོས་ཡོད་དུ་བྱུང་སོང་
སྡོམ་དྲྭ་ཕོན་ཆེན་ཞིག་མཉམ་དུ་འཕྱང་བ་ལྟ་བུ་ཁང་ཁྱིམ་དེ་དག་གིས
འབུ་སྲིན་རྣམས་དང་འདྲ་བའི་མི་མང་པོ་ཞིག་གི་མཇིང་པ་ནས་བཟུང་ཡོད

ལན་ཆགས

སྲང་མདོ་དེ་ནས
ཟླ་བ་སྒྲོལ་མ་ཞེས་ཐེངས་མང་བོས
བྲག་ཅ་ཡང་འཁོར་རྒྱུ་མེད་པའི་སྲང་མདོ་དེར
མི་རྣམས་ཁ་ཕྱིར་འཁོར་བ་མི་མཐོང་བ་བཞིན
སྐྱོ་ཐག་ཆོད་པའི་ངའི་མིག་ཟུང་གིས
བརྩེ་དུང་གི་ཟླ་བ་འཛིན་རྒྱུ་མ་རྙེད

ཉོན་མོངས

ངོ་ལྟ་ཇི་ཙམ་ཕྱིས་ཀྱང་གདོང་རང་འཇགས་རེད
ཁྲ་ཡོལ་གྱི་གསལ་སྒྲིབ་ལ་འབྲེལ་བའི་གདོང་རིས་འདི
ཁྱོད་ལ་མཛུམ་ཞིང་ཁོ་ལ་ཁྲོ་གཉེར་འཛིན་པའི་གདོང་རིས་འདི
རྙིང་ཟད་ལ་སོང་བའི་ཤེལ་ཕོར་བཞིན
ཆག་སོང་ན་དགའ་ཨང་སྙམ་པ་བྱུང་

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *