གདང་ལ་རི་བོ་དཔེ་དེབ་འགྲེམ་སྤེལ།

རྩོམ་ཡིག་འདི་ཐེངས་ 757 བཀླགས་འདུག

གསལ༌བརྡ།
༄༅།།གངས་རིའི་ལྗོངས་ཀྱི་ཆོས་རིག་ལ་ཞེན་པ་གཏིང་ནས་དཀར་བའི་རྒྱ་ཆེའི་མཁྱེན་ལྡན་‭རྣམས་ལ་ཞུ་གསོལ།‬

ངེད་གདང་ལ་རི་བོ་དཔེ་ཚོགས་ནས་‭(‬འབྲོང་ངུར་ཆོས་མཛོད་‭)‬དཔེ་རྒྱུན་ཤིན་ཏུ་དཀོན་པ་‭པོད་ཕྲེང་བཞི་ཅན།‭ ‬དེབ་སྤུས་ལེགས་ཤིག་སྤར་བསྐྲུན་ཟིན་པའི་གཏམ་བཟང་དང་།‬ ‭དཔེ་མཛོད་ཁང་དང་།‭ ‬མཁས་དབང་།‭ ‬ཉམས་‬ཞིབ་པ་སོགས་ལ་དགོས་མཁོ་ཡོད་ཚེ་འབྲེལ་བ་གནོངས་དང་ཪིན་མེད་ཐོག་ལེགས་སྐྱེས་སུ་འབུལ་‭རྒྱུ་ཡིན།‭ ‬གལ་ཏེ་སྦྲག་ཁང་བརྒྱུད་གཏོང་དགོས་‬ཚེ་སྦྲག་གླ་དོ་བདག་སོ་སོས་གཏང་གནང་ཡོང་ངེས་ཞུ།

སྒྲུབ་བརྒྱུད་སྙིང་པོ་གྱ་བ་འབྲོང་ངུར་པ་ལ་‭བཀའ་བབས་པའི་ཞི་ཁྲོ་ཕུར་གསུམ་དང་།‭ ‬དེའི་ཆ་ལག་དང་།‭ ‬གཞན་ཡང་རྣམ་ཐར།‭ ‬གནས་ཡིག མགུར་གླུ‭་‬སོགས་སྔར་ཡོངས་སུ་མ་གྲགས་ཤིང་།‭ ‬ལོ་རྒྱུས་དང་།‭ ‬རྩོམ་རིག་སྒྱུ་རྩལ་སོགས་‬ཀྱི་ཐད་ནས་ཀྱང་རིན་ཐང་བྲལ་ཞིང་བོད་ཀྱི་ཆོས་རིག་ཕྱོགས་ཡོངས་ནས་ཉམས་ཞིབ་འདོད་པ་དག་ལ་མེད་དུ་མི་རུང་བའི་གླེགས་བམ་ཞིག་ཏུ་འཁུམས།

‭རིག་གསར་སྐབས་སུ་འབྲོང་ངུར་པའི་དཔེ་‬རྙིང་ཕལ་ཆེར་རྩ་བརླགས་སུ་སོང་བས་གྱོང་གུད་‭བསབ་ཐབས་དཀའ་ཡང་།‭ ‬བགྲང་བྱ་བཅུ་‬ཕྲག་གཉིས་ལྷག་རིང་ལྷག་འཕྲོ་གང་ཡོད་བཙལ་འཚོལ་གྱིས་ལག་ཏུ་སོན་པ་པོད་བཞི་ད་ཆར་དཔར་འགྲེམས་ཐུབ་པ་ནི་བོད་ཀྱི་ཆོས་རིག་གི་སྟོང་ཆ་ཞིག་ཁ་བསྐངས་བགྱིས་ཡོད་པའི་ཚོར་སྣང་དང་དགའ་སྤྲོ་འཕེལ།

རང་གཞུང་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་‭ 2018 ལོའི་སྒྱུ་རྩལ་མ་དངུལ་ལས་གཞིའི་‬ཁོངས་སུ་‭(‬འབྲོང་ངུར་ཆོས་མཛོད་‭)‬འདེམས་ཐོན་བྱུང་བ་ལྟར་དཔེ་བསྐྲུན་གྱི་འགྲོ་སོང་ཡོངས་རྫོགས་གནང་བྱུང་བར་གོ་སྐབས་འདི་བརྒྱུད་ནས་‭བཀའ་དྲིན་ཆེ་ཞུ་རྒྱུ་དང་། གཞན་ཡང་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་གནང་མཁན་ཡོངས་ལའང་ཐུགས་རྗེ་ཆེ་ཞུ། ‬‭ཕྱི་ལོ་ 2019 ཟླ་‭ 4 ཚེས་‭ 7 བཟང་‬པོར། གདང་ལ་རི་བོ་དཔེ་ཚོགས་རྩོམ་‭སྒྲིག་པས།‬

འབྲེལ་བ་བྱ་ཡུལ།
འབྲོང་ངུར་བསྟན་འཛིན་ལམ་བཟང་།
ཁ་པར་ཨང་། 8219963162
སྐད༌འཕྲིན༌ཨང༌། drong777888
ལམ༌བཟང༌པོའི༌ཁ༌པར༌ཨང༌།7807060995
སྐད༌འཕྲིན༌ཨང༌།zhashi6392
འཛུམ༌སྐད༌འཕྲིན༌ཨང༌། Zumshor
གོང་གི་གསལ་བརྡ་བཞིན་གདང་ལ་རི་བོ་དཔེ་ཚོགས་ཀྱིས་འགྲེམ་སྤེལ་བྱས་པ་སྤྱིའི་དེབ་ཕྲེང་དགུ་པའམ་ལོ་འདིའི་དཔེ་དེབ་གསར་པ་འབྲོང་ངུར་ཆོས་མཛོད་རྒྱ་གར་དང་ཨ་རིར་ཡོད་པའི་དཔེ་མཛོད་ཁང་ཆེན་པོ་ཁག་ཅིག་དང་དེ་མིན་དགོན་སྡེ་དང་མཐོ་སློབ་རྣམས་ཀྱི་དཔེ་ཁང་། དེ་བཞིན་ཤེས་ལྡན་པ་སྒེར་སོགས་ལ་འགྲེམ་སྤེལ་ཕལ་མོ་ཆེ་བྱས་གྲུབ་པ་ཡིན།

དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གདང་ལ་རི་བོ་དཔེ་དེབ་གསར་པ་གཟིགས་བཞིན་པ།


བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གདང་ལ་རི་བོ་དཔེ་དེབ་གཟིགས་བཞིན་པ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *